ཡིད་བཞིན་ནོར་བུ།
གཞས་ཚིག ནག་པོ།
དྲིན་ཕ་མ་གཉིས་ལ་སྲས་གཅིག་འགྲུངས།།
སྐྱ་གསལ་ལེ་ནམ་མཁའ་ལངས་དུས་རེད།།
སེམས་བརྩེ་བའི་འོད་སྣང་འཕྲོ་དུས་རེད།།
བུ་དེ་ནི་སྙིང་རྗེའི་བདག་པོ་རེད།།
དྲིན་ཕ་མ་གཉིས་ལ་སྲས་གཅིག་འགྲུངས།།
དགུང་ཉི་མའི་གསེར་ཞལ་འཛུམ་དུས་རེད།།
བློ་ཤེས་རྒྱ་གཉིས་ཀ་འཛོམས་དུས་རེད།།
བུ་དེ་ནི་ཐབས་ཀྱི་བདག་པོ་རེད།།
དྲིན་ཕ་མ་གཉིས་ལ་སྲས་གཅིག་འགྲུངས།
ནང་ཕུ་ནུ་མང་པོས་ལྟ་ས་རེད།།
ཕྱི་བརྒྱ་སྡེ་སྟོང་སྡེས་ཉན་ས་རེད།།
བུ་དེ་ནི་བོད་པའི་བདག་པོ་རེད།།
没有评论:
发表评论